རརྒྱབ་ལྗོངས་གླེང་བ།
༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། རིས་མེད་ཆོས་རྒྱུད་རྣམས་ཀྱི་བླ་ཆེན་རྣམ་པས་ལམ་སྟོན་ཐུགས་རེ་གནང་བ་ལ་བརྟེན་ནས་བོད་ཀྱི་དགོན་པར་ཆོས་འབྲེལ་འབྲེལ་མཐུད་སྲི་ཞུ་ཁང་ཞེས་པ་ཞིག་གཤམ་གསལ་ལས་དོན་རྣམས་བསྒྲུབ་པའི་ཆེད་དུ་གསར་འཛུགས་ཞུས་པ་ཡིན།
- རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་དགོན་པ་དང་བཙུན་དགོན་ཆེ་ཁག་རྣམས་དང་འཛམ་གླིང་གང་སར་ཡོད་པའི་དད་ལྡན་རྗེས་འཇུག་པ་ཚོའི་བར་དྲ་རྒྱའི་ཐོག་འབྲེལ་ལམ་ཡོང་བར་ཞབས་ཞུ་བསྒྲུབ་རྒྱུ་དང་། བོད་ཀྱི་གནའ་བོའི་སྲོལ་རྒྱུན་རིག་གཞུང་། ཡུལ་སྲོལ་སྒྱུ་རྩལ་བཅས་ལ་ཐུགས་སྣང་གནང་མཁན་ཚོའི་བར་འབྲེལ་ལམ་གནང་རྒྱུ།
- དགོན་སྡེ་ཁག་གི་ནང་དུ་ཡོད་པའི་ཤེས་ཡོན་ལེགས་སྦྱངས་ཉམས་ཞིབ་ལ་མཁོ་བའི་དཔེ་དེབ་རྣམས་བདག་གཉེར་བྱ་ཐབས་ཡར་རྒྱས་གཏོང་རྒྱུ། འབྲེལ་ཡོད་དགོན་སྡེ་ཁག་གི་གཙོའི་དེའི་ཉེ་འཁོར་དུ་ཡོད་པའི་ས་གནས་མི་མང་གི་འཁོར་ཡུག་དང་སྤྱི་ཚོགས་བདེ་དོན་གྱི་ཞབས་ཞུའི་ལས་འགུལ་སྤེལ་རྒྱུ།
- ལས་དོན་སོགས་སྒྲུབ་ཕྱིར་ཚོང་འབྲེལ་ཅན་གྱི་སྤྱི་ཚོགས་གྲྭ་རྒྱ་ངོ་དེབ་(Facebook)དང་ཡུ་ཏྲུབ་(Youtube)སོགས་ལས་གཞན་པའི་ཁེ་གཉེར་མིན་པ། ཁྱབ་བསྒྲགས་སོགས་མེད་པའི་སྲི་ཞུའི་བརྒྱུད་ལམ་མཐུན་འགྱུར་གནང་རྒྱུ།
འབྲེལ་ཡོད་དགོན་ཁག་དང་མཉམ་ལས་ཞུ་རྒྱུའི་དམིགས་ཡུལ་གཙོ་བོ་ནི།བླ་སྤྲུལ་སྐུ་བགྲེས་ཚོའི་ཐུགས་རེ་བསྒྲུབ་པའི་ཆེད་དང་། དྲ་རྒྱའི་འབྲེལ་ལམ་བརྒྱུད་བླ་སྤྲུལ་ཁག དགོན་སྡེ་ཁགབཙུན་དགོན་ཁག་དང་དད་ལྡན་མི་མང་ཚོའི་བར་གྱི་སྲོལ་རྒྱུན་གྱི་འབྲེལ་བ་སྔར་བཞིན་མ་ཉམས་གོང་འཕེལ་ཡོང་རྒྱུར་མཐུན་རྐྱེན་སྣ་ཚོགས་ཞུ་རྒྱུ།
བོད་ཀྱི་དགོན་པར་སྲི་ཞུའི་ལྷན་ཚོགས་སློབ་སྟོན་པ་རྣམས་ཀྱི་མཚན་དང་། ད་ལྟ་མཉམ་ལས་ཕྱག་རོགས་ཞུ་བཞིན་པའི་དགོན་སྡེ་ཁག་དང་བཙུན་དགོན་ཁག་གི་མཚན་ཐོ། དེ་བཞིན་བླ་སྤྲུལ་སྐུ་བགྲེས་པ་ཁག་ནས་སྩལ་བའི་གསུང་འཕྲིན་རྣམས།((འདིར་མཛུབ་མནོན་གནང་ན་བོད་ཀྱི་དགོན་པར་སྲི་ཞུའི་ལྷན་ཚོགས་སློབ་སྟོན་པ་རྣམས་དང་ཁོང་རྣམ་པའི་མཚན་གཞུང་དང་གསུང་འཕྲིན་གསན་གཟིགས་ཐུབ།)
འདི་ལོའི་ཕྱི་ལོ་༢༠༢༤ཟླ་བ་༢བར་དགོན་པར་སྲི་ཞུ་ཚོགས་པས། གྲྭ་བཙུན་དགོན་སྡེ་ཁག་ལ་སྤྱིན་བདག་དང་ཞལ་འདེབས་ཀྱི་ཚུལ་དུ་དབྱིན་སྒོར་༤༦༠༠༠༠(ཨ་སྒོར་༦༠༠༠༠༠)ལྷག་བསྡུ་རུབ་གནང་སྟེ་ཕུལ་ཟིན། ཞལ་འདེབས་བྱུང་བའི་དངུལ་དེ་དག་གིས་འབྲེལ་ཡོད་དགོན་སྡེ་ཁག་གི་གྲྭ་བཙུན་མང་པོ་ཞིག་ལ་ཕན་ཐོག་ཆེན་པོ་ཡོད་པ་ཙམ་དུ་མ་ཟད། ཁོང་རྣམས་པའི་བསླབ་པ་སློབ་གཉེར་དང་སྤྱི་ཚོགས་ཀྱི་བདེ་དོན་ལ་ཡང་ཕན་རླབས་ཇེ་ཆེར་འགྲོ་བཞིན་ཡོད།
ད་བར་དགོན་པར་སྲི་ཞུ་ཚོགས་པས་བསྒྲུབས་ཟིན་པའི་ལས་འཆར་གཤམ་གསལ།
- འབྲེལ་ཡོད་གྲྭ་བཙུན་གྱི་དགོན་སྡེ་༤༣ཙམ་དང་རྒྱལ་སྤྱིའི་ཆོས་ཚོགས་བཅས་ནས་གསུང་ཆོས་དང་གཞན་མཛད་སྒོ་སོགས་མི་འདྲ་བ་༢༧༥ལྷག་དྲྭ་ཐོག་རྒྱང་སྲིང་གནང་ཟིན།
- དད་ལྡན་སེར་སྐྱ་རྣམས་ཀྱི་ཆེད་དུ་འགྲེལ་ཡོད་གྲྭ་བཙུན་གྱི་དགོན་སྡེ་ཁག་ནས་སྦྱིན་བདག་ཞུས་པའི་ཆོ་ག་དང་ཞབས་བརྟན་༡༠༢༥ལྷག་གོ་སྒྲིག་ཞུས་ཟིན་ཡོད།
- འབྲེལ་ཡོད་དགོན་སྡེ་ཁག་ལ་ཆོས་འབུལ་ཞལ་འདེབས་༩༠༠༠ལྷག་དོད་ཡོན་མེད་པར་བསྐུར་ཟིན།
དགོན་སྡེ་བདུན་ཅུ་ལྷག་མཉམ་འབྲེལ་ཐོག་དགོན་པར་སྲི་ཞུ་ཚོགས་པས་ཞབས་འདེགས་སྒྲུབ་བཞིན་པ་རྣམས་གཤམ་གསལ།
- ཁྲི་འདོན་མངའ་གསོལ། རླུང་རྟ་དར་འཛུགས། ཚེ་ཐར་བཅས་ལ་རྒྱབ་བསྐྱོར་མཉམ་ཞུགས་གནང་ཐུབ།
- དྲྭ་རྒྱའི་སྟེང་ནས་གང་ཟག་སྒེར་གྱི་སྦྱིན་བདག་གནང་སྟེ་ཞབས་རིམ་སྣ་ཚོགས་གོ་སྒྲིག་ཞུ་ཐུབ་པ་ཙམ་མ་ཟད། ཞབས་རིམ་ཁག་གི་བརྙན་འཕྲིན་དང་པར་སོགས་གཟིགས་ཐུབ་པའི་འདམ་ཀ་ཡང་ཡོད།
- ལོ་འཁོར་མར་དགོན་སྡེ་ཁག་གི་བླ་སྤྲུལ་སྐུ་བགྲེས་རྣམ་པ་དང་གཞན་ཡང་རྒྱལ་སྤྱིའི་ཆོས་ཚོགས་ཁག་ནས་གསུང་ཆོས་དང་བཀའ་ཁྲིད་སོགས་སྤུས་ཚད་མཐོ་བའི་བརྙན་འཕྲིན་དྲྭ་ཐོག་རྒྱང་སྲིང་གནང་བཞིན་ཡོད།
- ལོ་འཁོར་མར་བླ་སྤྲུལ་སྐུ་བགྲེས་རྣམ་པ་དང་གཞན་ལོ་འཁོར་མར་དམིགས་བསལ་དགོན་སྡེ་ཁག་གི་ཆོས་ཕྱོགས་མཛད་རིམ་དཔེར་ན། གལ་ཆེན་ཞབས་བརྟན་དང་མཛད་སྒོ་ཁག ཡང་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་ཁྲིད་སོགས་དགོན་པ་སྲི་ཞུ་ཚོགས་པའི་རྒྱ་ཁྱབ་ཆེ་བའི་དཔེ་མཛོད་ཁང་ནས་གསན་གཟིགས་གནང་ཐུབ།
- དྲྭ་རྒྱའི་སྟེང་ནས་དོད་ཡོན་གང་ཡང་མེད་པར་དུས་ནམ་ཞིག་ཡིན་རུང་ཡང་ན་ཟླ་རེའི་ཞབས་རིམ་(དཔེར་ན། སྒྲོལ་མ། སྨན་ལྷ། ཆོས་སྐྱོང་སྲུང་མ་རྣམས་ལ་འཕྲིན་བཅོལ་དང་། གཡུང་དྲུང་བོན་གྱི་འབུམ་ཚོགས་བཅས་ཀྱི་) ཆེད་དུ་ཆོས་འབུལ་ཞལ་འདེབས་སོགས་སྒེར་གྱི་སྔོ་སྨོན་དང་བཅས་ཏེ་འབྲེལ་ཡོད་དགོན་སྡེ་ཁག་ལ་ཕུལ་ཐུབ། ཡང་ན་དགོན་སྡེ་དེ་དག་གི་དམིགས་བསལ་ལས་གཞིའི་ཆེད་དུ་ཞལ་འདེབས་ཡིན་ནའང་འདྲ།
བླ་སྤྲུལ་སྐུ་བགྲེས་རྣམ་པའི་བཀའ་དགོངས་བཞིན་དགོན་པར་སྲི་ཞུ་ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་རང་ཉིད་ཀྱི་ས་གནས་ལ་གནང་ཐུབ་པ་བཞིན་དུ། ཞབས་རིམ་དང་། གསུང་ཆོས། བཀའ་ཁྲིད། གཞན་ཡང་དགོན་སྡེ་ཁག་གི་མཛད་སྒོ་སོགས་ལ་ཞུགས་འདོད་ཡོད་མཁན་གྱི་དད་ལྡན་མི་དམངས་དང་། དུས་སྐབས་བཟང་ངན་དང་བསྟུན་ནས་སྒེར་གྱི་ཡོན་བདག་གནང་སྟེ་ཞབས་བརྟན་སྐུ་རིམ་སོགས་གནང་ཐུབ་པའི་བརྒྱུད་ལམ་སྟབས་བདེ་བསྐྲུན་རྒྱུ་དེ་ཡིན། དགོན་པར་སྲི་ཞུ་ཚོགས་པའི་དྲྭ་ཐོག་ཞབས་ཞུ་ལས་དོན་རྣམས་ནི་བླ་སྤྲུལ་རྣམ་པ་དང་དགོན་སྡེ་ཁག་གི་ཆོས་ཕྱོགས་ཀྱི་མཛད་པ་སོགས་ལ་དམིགས་ཏེ་བཀོད་སྒྲིག་གནང་བ་ཞིག་ཡིན། དྲྭ་ཐོག་ཞབས་ཞུ་དེ་དག་ཁེ་ཚོང་གཉིས་འབྲེལ་གྱི་ཁྱབ་བསྒྲགས་གནང་གི་མེད། (དཔེར་ན། ཚོང་ལས་ཀྱི་འཕྲིན་ལམ་ངོ་དེབ་དང། ཡུ་ཊུབ། གྷུ་གྷལ་ལྟ་བུ་མིན་པར།) ང་ཚོའི་དྲྭ་ལམ་ནི་ཆོས་ཞུ་བ་དད་ལྡན་མི་དམངས་ལྷན་རྒྱས་ལ་གསུང་ཆོས་དང་བཀའ་དབང་། གཞན་ཡང་དགོན་སྡེ་ཁག་གི་དུས་ཆེན་མཛད་སྒོ་བཅས་ཀྱི་བརྙན་འཕྲིན་སོགས་རྒྱང་སྲིང་བྱ་རྒྱུ་དེ་ཡིན། མ་ཟད་གཞན་ཚོང་འབྲེལ་གྱི་འཕྲིན་ལམ་སོགས་ཀྱི་གནང་བ་བཞིན་ང་ཚོའི་དྲྭ་རྒྱའི་སྟེང་དུ་ཡོད་པའི་སྒེར་གྱི་ལོ་རྒྱུས་སྙིང་བསྡུས་སོགས་གཞན་ལ་འཚོང་བ་དང་ཡང་ན་བརྒྱུད་བསྐུར་སོགས་གནང་གི་མེད།
དགོན་པར་སྲི་ཞུ་ཚོགས་པས་གསུང་ཆོས་དང་མཛད་སྒོ་དམིགས་བསལ་ཁག་གི་བླངས་པའི་གསལ་སྤུས་ཚད་མཐོ་པོའི་བརྙན་པར་སོགས་གཅེས་ཉར་བྱེད་པ་ཙམ་མ་ཟད། ད་ལྟ་དང་མ་འོངས་པའི་གཞོན་སྐྱེས་མི་རབས་རྣམས་པས་ཐོས་བསམ་སློབ་གཉེར་ལ་མུ་མཐུད་ཕན་རླབས་ཡོང་ཕྱིར་འདྲ་བཤུས་འབྲེལ་ཡོད་དགོན་སྡེ་ཁག་ལ་ཕུལ་བཞིན་ཡོད། དེ་བཞིན་དུ་དགོན་པར་སྲི་ཞུ་ཚོགས་པའི་རྒྱང་སྲིང་བརྙན་པར་སོགས་རིན་མེད་ཐོག་བལ་ཡུལ་དང་རྒྱ་གར་དུ་བཞུགས་པའི་གྲྭ་བཙུན་༢༠༠༠༠ལྷག་ལ་གསན་གཟིགས་ཐུབ་པའི་གོ་སྐབས་ཀྱང་ཡོད།
དགོན་པར་སྲི་ཞུ་ཚོགས་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བཀའ་དྲིན་འོག་ཤིན་ཏུ་གལ་གནད་ཆེ་བའི་ལས་འཆར་གསར་པ་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཁང་ཞིག་དབུ་འཛུགས་མཛད་ཡོད། བོད་ཀྱི་གྲངས་འཛིན་དཔེ་མཛོད་ཁང་འདི་ཉིད་འཛུགས་སྐུན་ཞུས་དགོས་པའི་རྒྱུ་མཚན་ནི། འཛམ་གླིང་གང་སར་ཁ་ཐོར་ཡོད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གནས་ཚུལ་འབྱུང་ཁུངས་ཀྱི་ཡིག་ཆ་མང་དག་ཞིག་ཡོད་པ་དེ་དག་གླེང་སྟེགས་གཅིག་ཏུ་ཚང་མས་གཟིགས་ཐུབ་པའི་གོ་སྐབས་དང་། ཡིག་ཆ་དེ་དག་གཅེས་གཉེར་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། རྒྱས་པ་འདི་ན་གཟིགས་རོགས།
www.tidl.org
ཚོགས་པའི་འཛིན་སྐྱོང་དང་རོགས་དངུལ་འབྱུང་ཁུངས་གཙོ་བོ།
ཚོགས་པ་འདི་ཉིད་བལ་ཡུལ་དང་རྒྱ་གར་དུ་ཡོད་པའི་དགོན་སྡེ་ཁག་དང་མཉམ་འབྲེལ་གནང་བའི་སྒོ་ནས་དབྱིན་ཡུལ་དུ་ཡོད་པའི་ཁེ་གཉེར་མིན་པའི་ཤར་ཕྱོགས་དགེ་རྩ་སྒྱུ་རྩལ་དང་སྲོལ་རྒྱུན་ཐེབས་རྩ་(Orient Foundation for Arts and Culture,)ཞེས་པའི་ཚོགས་པ་དེབ་སྐྱེལ་ཨང་གྲངས་༢༨༧༨༧ཅན་གྱི་ཡན་ལག་དགོན་པར་སྲི་ཞུ་ཚོགས་པས་བརྒྱུད་ནས་འཛིན་སྐྱོང་གནང་བཞིན་ཡོད།
ཚོགས་པ་འགོ་འཛུགས་ཀྱི་འགྲོ་གྲོན་མ་དངུལ་ཐོག་མར་དཔལ་ལྡན་སྐུ་སྒེར་ཡིག་ཚང་གཙོའི་དབྱིན་ཡུལ་གྱི་ཁེ་གཉེར་མིན་པའི་ཤར་ཕྱོགས་དགེ་རྩ་སྒྱུ་རྩལ་དང་སྲོལ་རྒྱུན་ཐེབས་རྩ་ནས་གསོལ་རས་སྩལ་གནང་། དེ་བཞིན་ཚོགས་པ་འདི་གའི་ཚོགས་མི་ཁག་གཅིག་ནས་ཀྱང་མ་དངུལ་གྱི་ཞལ་འདེབས་གནང་ཡོད་པ་རེད། ཕྱི་ལོ་༡༩༩༠མགོ་སྟོད་ནས་བཟུང་དབྱིན་ཡུལ་གྱི་ཤར་ཕྱོགས་དགེ་རྩ་སྒྱུ་རྩལ་དང་། སྲོལ་རྒྱུན་ཞེས་པའི་ཐེབས་རྩས་ཆོས་བརྒྱུད་ཆེན་པོ་རྣམས་དང་གཡུང་དྲུང་བོན་བཅས་བླ་སྤྲུལ་སྐུ་བགྲེས་པ་ཁག་གཅིག་དང་མཉམ་ལས་ཀྱིས་བོད་ཀྱི་གནའ་བོའི་ཤེས་བྱའི་གཏེར་མཛོད་ཞེས་པ་གློག་འཕྲིན་འཕྲུལ་ལས་ཀྱི་དཔྱད་ཞིབ་ལ་ཕན་པའི་གསུང་སྒྲ་འཇུག་བསྡུ་རུབ་བྱས་ཡོད། འདི་ནི་འཛམ་གླིང་ནང་སྒྲ་མཛོད་ཆེ་ཤོས་སུ་ངོས་འཛིན་གྱི་ཡོད་པ་རེད། སྒྲ་མཛོད་འདིའི་ནང་ཚོུད་༢༠༥༠༠ ཡུན་གྱི་ཕྱི་ལོ་ ༡༩༥༩ སྔོན་གྱི་བོད་ནང་ཤེས་ཡོན་སློབ་པ་མཐར་སོན་པའི་མཁས་དབང་གྲགས་ཅན་ཚོའི་རྒྱ་གར་དང་བོད་ཀྱི་གནའ་བོའི་གསུང་རབ་ཐོག་ལ་འཆད་འཁྲིད་གནང་བ་དེ་དག་སྒྲ་འཇུག་བྱས་ཡོད། སྒྲ་མཛོད་འདི། www.tibetan-knowledge.org ཞེས་པའི་དྲ་རྒྱའི་ཐོག་གཟིགས་ཐུབ།སྒྲ་འཇུག་མཛོད་ཆེན་འདིའི་འདྲ་བཤུས་རེ་རེ་རིས་མེད་ཆོས་ལུགས་ཁག་གི་འགན་འཛིན་རྣམ་པར་ཕུལ་ཡོད་པས་དེ་དག་དགོན་སྡེ་ཁག་དང་། བཙུན་དགོན་ཁག་གི་དཔེ་མཛོད་ནང་བཞག་ཡོད།
དགོན་པར་སྲི་ཞུ་ཚོགས་པ་འདི་ཉིད་ཡུན་རིང་པོར་གནས་ཕྱིར་འཛིན་སྐྱོང་གི་འགྲོ་གྲོན་སོགས་གང་ཉུང་གཏོང་གི་ཡོད་པ་དང་། མ་ཟད་ཚོགས་པ་འདིར་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་མི་ཚོར་ཡང་ཞལ་འདེབས་དང་ཞབས་ཞུའི་དོད་སོགས་གང་ཉུང་སྡུད་ཐབས་གནང་བཞིན་ཡོད། ཡོང་འབབ་ལྷག་མ་གང་བྱུང་བ་སོགས་བལ་ཡུལ་དང་རྒྱ་གར་དུ་ཡོད་པའི་འབྲེལ་ཡོད་དགོན་སྡེ་ཁག་ལ་ཤེས་རིག་གི་སྒྲ་བརྙན་རྒྱུ་ཆ་སོགས་ཡར་རྒྱས་དང་། དེ་བཞིན་དུ་བོད་ཀྱི་གནའ་རབས་ཀྱི་ཤེས་བྱ་དང་སྒྱུ་རྩལ་སོགས་གཅེས་གཉེར་སྲུང་སྐྱོབ་དང་། དེ་དག་ཕྱོགས་མཐའ་གང་སར་བཞུགས་པའི་དགེ་འདུན་པ་དང་སློབ་ཕྲུག་དང་མཁས་དབང་རྣམས་ལ་སློབ་གཉེར་གྱི་གོ་སྐབས་བསྐྲུན་ཕྱིར་འགྲོ་སོང་གཏོང་བཞིན་ཡོད།
རྒྱ་གར་ནང་ཚོགས་པའི་དྲྭ་རྒྱའི་ཞབས་ཞུ་མཉམ་ལས་ཞུ་མཁན་དགོན་སྡེ་དང་བཙུན་དགོན་ནི། དྷེ་ར་དྷུན་དང། སྦེལ་ཀོབ། ཧུན་སུར། མོན་གྷོ། ཧི་མ་ཅལ། ཨོ་རི་ས། ནུབ་བྷང་གྷལ། འབྲས་ལྗོངས། ལ་དྭགས་བཅས་ཡིན། བལ་ཡུལ་ནང་རྒྱལ་ས་ཀ་ཏ་མན་ཌུ་དང་། ལུམ་བྷི་ནི། ལབ་ཅི། ནུབ་རི། དོལ་པོ། པོ་ཁྰ་རྰ། གློ་བོ་ལྗོངས། སྟག་མོ་ལུས་སྦྱིན་སོགས་དང་། མཉམ་ལས་ཞུ་མཁན་དགོན་སྡེ་དང་བཙུན་དགོན་གསར་པ་རྒྱ་གར་དང་བལ་ཡུལ་ནས་མུ་མཐུད་ཐོ་འགོད་ཞུ་བཞིན་ཡོད།
དགོན་པར་སྲི་ཞུ་ཚོགས་པའི་ལས་ཁུངས་བསྟི་གནས་གཙོ་བོ་རྒྱ་གར་བྱང་ཕྱོགས་དྷེ་ར་དྷུན་དུ་ཡོད་པ་དང། དྲྭ་ཐོག་རྒྱང་སྲིང་གནང་སའི་ལས་ཁུངས་བསྟི་གནས་གཙོ་བོ་ནི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་དང་བལ་ཡུལ་རྒྱལ་ས་ཀ་ཏ་མན་ཌུ་བཅས་ལ་ཡོད།
དྷེ་ར་དྷུན་གྱི་ཚོགས་མི་ལས་བྱེད་རྣམས་ནི། དོན་གྲུབ་བཀྲ་ཤིས། (བལ་ཡུལ་དང་རྒྱ་གར་གྱི་ས་གནས་དོ་དམ་པ་དང་། དབྱིན་སྐད་འབྲེལ་མཐུད་པ།)
བློ་བཟང་དཔལ་ལྡན། (རྒྱ་གར་གྱི་འབྲེལ་མཐུད་པ་དང་། སྒྲ་བརྙན་བཟོ་སྐྲུན་པ།) ཨོ་རྒྱན་བསྟན་འཛིན། (དྲྭ་ཚིགས་རྒྱང་སྲིང་གནང་མཁན།) བཀྲ་ཤིས་དོན་གྲུབ། (དྲྭ་ཚིགས་རྒྱང་སྲིང་གནང་མཁན་གྱི་ལས་རོགས།)
མོན་གྷོ་ལས་བྱེད། ཀརྨ་ཕུན་ཚོགས། (རྒྱ་གར་ལྷོ་ཕྱོགས་ཀྱི་འབྲེལ་མཐུད་པ་དང་དྲྭ་ཚིགས་རྒྱང་སྲིང་གནང་མཁན།)
བལ་ཡུལ་ཀ་ཏ་མན་ཌུའི་ལས་བྱེད། བསྟན་འཛིན་དབང་ཕྱུག (བལ་ཡུལ་ས་གནས་ཀྱི་དོ་དམ་པ་དང་། དྲྭ་ཚིགས་རྒྱང་སྲིང་གནང་མཁན་གྱི་ལས་རོགས།) དབྱངས་ཅན་ལྷ་མོ། (རྒྱ་སྐད་ཀྱི་འབྲེལ་མཐུད་པ་དང་། བལ་ཡུལ་གྱི་ལས་རོགས།) ཚེ་རིང་བཀྲ་ཤིས། (དྲྭ་ཚིགས་རྒྱང་སྲིང་གནང་མཁན།)
ང་ཚོར་འབྲེལ་བ་གནང་སའི་ཁ་བྱང་གཤམ་ལ་ཡོད།
ང་ཚོའི་ངོ་དེབ་ཀྱི་ཁ་བྱང་། www.facebook.com/gompatms/
གློག་འཕྲིན་ཁ་བྱང་། :
ཁ་པར་ཨང་གྲངས། / WhatsApp(རྒྱ་གར།) +91 6396115994 (སྐད་ཡིག : དབྱིན་སྐད་དང་བོད་སྐད།)
ཁ་པར་ཨང་གྲངས། / WhatsApp (བལ་ཡུལ།) +977 9823358742 (སྐད་ཡིག : བོད་སྐད་དང་རྒྱ་སྐད།)
Skype:
dhundup.gompa (དབྱིན་སྐད་དང་བོད་སྐད། འབྲེལ་མཐུད།)
lhamo.gompa (བོད་སྐད་དང་རྒྱ་སྐད། འབྲེལ་མཐུད།)
ལས་ཁུངས་དུས་ཚོད། སྔ་དྲོ་ཆུ་ཚོད་ 10:00 AM ནས་དགོང་དྲོ་ 5:00 PM བར་ཡོད།
གོང་གསལ་ཆུ་ཚོད་དེ་དག་རྒྱ་གར་གྱི་དུས་ཚོད་གཞིར་བཟུང་ཡིན། (UTC+5:30 hours)
(གཟའ་ཉི་མ་དང་དུས་ཆེན་ཆེ་ཁག་མ་གཏོགས་ཉིན་ལྟར་ལས་ཁུངས་ཡོད)